བརྩམས་ཆོས་ངོ་སྤྲོད།

འདི་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པ་ཞིག་ཡིན། མགོ་ནས་མཇུག་བར་ཚིག་བཅད་ཡིན་ལ་གོ་བདེ་ཞིང་བློ་ལ་འཛིན་བདེ་བ་ཡོད་པ་དང་། ནང་དོན་ནི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་སྦྱོང་གི་མན་ངག་གཙོ་བོར་སྟོན་པ་ཞིག་ཡིན།

རྩོམ་པ་པོ་ངོ་སྦྲོད།

རྒྱལ་སྲས་ཞི་བ་ལྷ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བ་ཞིག་ཡིན་ཞིང་། སྤྱི་ལོས་དུས་རབས་བདུན་པའམ་བརྒྱད་པ་ཙམ་ལ་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་སུ་འཁྲུངས། མཚན་ཞི་བའི་གོ་ཆ་ཞེས་བཏགས། སྐུ་ན་ཕྲ་མོ་ནས་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས། ཡབ་འདས་ཏེ་སང་ཉིན་རྒྱལ་སྲིད་ལ་དབང་བསྐུར་བའི་དོ་ནུབ་བྲོས་ནས་ན་ལེནྡྲར་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བ་ཞེས་བཏགས།

@བདག་དབང་ཡོད་ཚད་ངེད་ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བར་དབང་བས་གཞན་གྱིས་བརྒོལ་མི་རུང་། 隆ICP备:18100102